当前位置: 首页>新闻中心>那曲要闻

关于树牢生态文明意识 守护绿水青山的倡议书

发布时间:2026-03-25 作者: 来源:那曲新闻网

关于树牢生态文明意识  守护绿水青山的倡议书


全市寺庙僧尼和信教群众:

为深入贯彻落实习近平生态文明思想,树牢“绿水青山就是金山银山”的理念,聚焦生态环境优良的美丽那曲建设,守护好世界屋脊、亚洲水塔的高原净土,纵深推进品质那曲建设,现结合全市宗教领域实际,向寺庙僧尼和信教群众发出如下倡议:

一、倡导文明煨桑,守护绿色家园。树立文明煨桑理念,坚持合理适度、安全环保煨桑,不乱采伐野生高原植被,严防过度煨桑,强化用火安全,防范环境污染,守护绿色家园。

二、规范玛尼石堆置,保护自然原貌。自觉抵制在山体、河道、草原、文物古迹上乱写、乱刻,乱堆、乱摆玛尼石,规范玛尼石堆放,保护青山绿水,守护高原生态底色。

三、整治经幡乱挂,践行绿色理念。提倡选用环保材质经幡,及时清理破损、陈旧经幡,不随意丢弃废旧经幡、悬挂经幡,践行绿色发展理念,杜绝环境污染与生态破坏。

四、共建洁净场所,弘扬文明新风。常态化开展宗教活动场所环境卫生整治,推进垃圾治理,保持场所整洁有序,营造“人人参与清洁活动,共同保护绿色家园”的良好氛围,推动宗教活动场所洁净与生态文明建设同向同行。

五、坚持合理放生,维护生态平衡。严格遵循生态规律,不投放外来物种,不向自然保护区、水源地、河道等禁放区域放生;自觉接受林草、农业农村、生态环境等部门监督与指导,确保放生行为符合生态规律,维护高原生态平衡。

生态兴则那曲兴,生态美则家园美。让我们携手同心,以实际行动守护高原生灵草木、万水千山,为筑牢国家生态安全屏障、建设更高品质的美丽那曲、生态强市贡献力量。

那曲市佛教协会

2026年3月23日

སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས། 

རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱེད་པའི་སྐོར་གྱི་གྲོས་དོན་ཡི་གེ


གྲོང་ཁྱེར་ཡོངས་ཀྱི་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམ་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་ལེགས་པའི་མཛེས་སྡུག་ལྡན་པའི་ནག་ཆུ་འཛུགས་སྐྲུན་བྱེད་རྒྱུར་དམིགས་ཏེ། འཛམ་གླིང་གི་ཡང་རྩེ་དང་ཨེ་ཤ་ཡའི་ཆུ་སྤེའི་ས་མཐོའི་དག་ཞིང་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་སྤུས་ལྡན་གྱི་ནག་ཆུ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོར་གྲོས་གཞི་འདོན་རྒྱུ་གཤམ་གསལ།

གཅིག ཡ་རབས་ཚུལ་ལྡན་ངང་བསང་གཏོང་རྒྱུར་གྲོས་འགོ་བཏོན་ཏེ། འབྱུང་འཕྲོད་ཀྱི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་དགོས། ཡ་རབས་ཚུལ་ལྡན་ངང་བསང་གཏོང་བའི་འདུ་ཤེས་བརྟན་འཛུགས་ཀྱིས། ལུགས་མཐུན་ཚད་རན་དང་། བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒོ་ནས་བསང་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཐོག རི་སྐྱེས་རྩི་ཤིང་གང་བྱུང་དུ་མི་གཅོད་པ་དང་། ཚད་བརྒལ་གྱི་བསང་གཏོང་བར་ནན་འགོག མེ་སྤྱོད་བདེ་འཇགས་ལ་དོ་སྣང་། ཁོར་ཡུག་བཙོག་སྐྱོན་གཏོང་བར་དོགས་ཟོན་བཅས་ཀྱིས་འབྱུང་འཕྲོད་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་དགོས། 

གཉིས། མ་ཎི་རྡོ་བརྐོས་སྤུང་གསོག་བྱེད་སྟངས་ཚད་ལྡན་དུ་བཏང་སྟེ། རང་བྱུང་ཁམས་ཀྱི་གདོད་མའི་རྣམ་པར་སྲུང་སྐྱོང་བྱེད་དགོས། རི་ལྡེབས་དང་ཆུ་འགྲམ། རྩྭ་ཐང་། རིག་དངོས་གནའ་ཤུལ་སོགས་ཀྱི་སྟེང་གང་བྱུང་དུ་མ་ཎི་བརྐོས་པ་དང་། སྤུངས་གསོག་བྱེད་པ། སྒྲིག་པ་བཅས་ལ་རང་འགུལ་གྱིས་བཀག་འགོག་བྱས་ནས། མ་ཎི་རྡོ་བརྐོས་སྤུང་གསོག་བྱེད་སྟངས་ཚད་ལྡན་དུ་བཏང་ནས། རི་སྔོན་ཆུ་དྭངས་སྲུང་སྐྱོབ་བྱས་ཏེ། རང་བྱུང་ཁམས་ཀྱི་གདོད་མའི་རྣམ་པར་སྲུང་སྐྱོང་བྱེད་དགོས། 

གསུམ། དར་ལྕོག་གང་བྱུང་དུ་སྒྲོན་རྒྱུར་བཅོས་སྒྲིག་བྱས་ཏེ། འབྱུང་འཕྲོད་ཀྱི་འདུ་ཤེས་ལག་ལེན་བསྟར་དགོས། ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུ་ཆ་སྤྱད་པའི་དར་ལྕོག་བེད་སྤྱོད་བྱེད་རྒྱུར་དར་སྤེལ་བཏང་ནས། དར་ལྕོག་རྙིང་ཧྲུལ་དག་དུས་ཐོག་ཏུ་གཙང་སེལ་བྱེད་དགོས་པ་ལས་གང་བྱུང་དུ་མི་དབྱུག་པ་དང་མི་སྒྲོན་པ། འབྱུང་འཕྲོད་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གྱིས་ཁོར་ཡུག་བཙོག་སྐྱོན་དང་སྐྱེ་ཁམས་གཏོར་སྐྱོན་ལ་གཏན་འགོག་བྱེད་དགོས།

བཞི། དྭངས་གཙང་གི་ཁོར་ཡུག་མཉམ་གཏོད་ཀྱིས། ཡ་རབས་ཀྱི་སྲོལ་བཟང་དར་སྤེལ་གཏོང་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་རྒྱུན་ལྡན་གྱི་རྣམ་པའི་ཐོག་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱས་ཏེ། གད་སྙིགས་གཙང་སེལ་བྱེད་རྒྱུར་སྐུལ་འདེད་བཏང་ནས་དགོན་སྡེའི་ཁོར་ཡུག་གཙང་མ་ཡོང་རྒྱུར་རྒྱུན་འཁྱོངས་བྱེད་དགོས། “མི་ཚང་མ་གཙང་སྦྲའི་བྱེད་སྒོའི་ནང་ཞུགས་ནས་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི”རྣམ་པ་ཞིག་གཏོད་དེ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་གཙང་དག་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཕྱོགས་མཐུན་མཉམ་སྐྱོད་ཐུབ་པ་བྱེད་དགོས། 

ལྔ། ལུགས་མཐུན་སྒོ་ནས་ཚེ་ཐར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་དོ་སྙོམས་ཡོང་བར་སྲུང་སྐྱོང་བྱེད་དགོས། འབྱུང་འཕྲོད་ཀྱི་ཆོས་ཉིད་ལ་བརྩི་སྲུང་ནན་པོ་དང་། ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་མི་བཅུག་པ། རང་བྱུང་སྲུང་སྐྱོབ་ཁུལ་དང་། ཆུ་འགོ་ཁུལ། ཆུ་ལམ་སོགས་ཚེ་ཐར་གཏོང་མི་ཆོག་པའི་ས་ཁོངས་སུ་ཚེ་ཐར་མི་གཏོང་བ། རང་འགུལ་ངང་ནགས་ལས་དང་རྩྭ་ཐང་། ཞིང་ལས་གྲོང་གསེབ། སྐྱེ་ཁམས་ཁོར་ཡུག་སོགས་ཚན་ཁག་གིས་མཛུབ་ཁྲིད་དང་ལྟ་སྐུལ་ལ་རང་འགུལ་ངང་དང་ལེན་བྱས་ཏེ། ཚེ་ཐར་གཏོང་བའི་བྱ་སྤྱོད་དེ་སྐྱེ་ཁམས་ཀྱི་ཆོས་ཉིད་དང་མཐུན་པར་འགན་ལེན་བྱས་ནས། ས་མཐོའི་སྐྱེ་ཁམས་དོ་སྙོམས་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས།

སྐྱེ་ཁམས་དར་རྒྱས་བྱུང་ན་ནག་ཆུ་དར་རྒྱས་ཡོང་བ་དང་སྐྱེ་ཁམས་མཛེས་ན་ཁྱིམ་གཞིས་མཛེས་པས། ང་ཚོས་ལག་གདང་སྦྲེལ་ནས་བློ་སེམས་གཅིག་མཐུན་ངང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ས་མཐོའི་སྲོག་ཆགས་དང་རྩི་ཤིང་རི་ཆུ་ཁྲི་སྟོང་སྲུང་སྐྱོང་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པ་དང་། དེ་བས་སྤུས་ཚད་དང་མཛེས་སྡུག་ལྡན་པའི་ནག་ཆུ་དང་སྐྱེ་ཁམས་སྟོབས་ཆེའི་གྲོང་ཁྱེར་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ནག་ཆུ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ནས།

2026ལོའི་ཟླ་3པའི་ཚེས་23ཉིན