当前位置: 首页>新闻中心>那曲要闻

那曲市“我们的节日·清明”线上祭英烈活动开始啦

发布时间:2026-04-02 作者: 来源:那曲新闻网

线上祭英烈活动(请打开此网址):https://yd.chinamartyrs.gov.cn/26qmmobile//index.html

“英魂昭日月,浩气贯长虹。”值此中华民族传统节日清明节到来之际,为赓续红色血脉、弘扬英烈精神,传承老西藏精神,营造崇尚英烈、缅怀英烈、学习英烈、捍卫英烈的浓厚氛围,进一步铸牢中华民族共同体意识,我市正式启动“我们的节日・清明”线上祭英烈活动。

现诚邀全市各族干部群众登录主题活动页面,向为和平解放、民主改革、人民幸福英勇献身的革命先烈、时代英模致以最崇高的敬意,寄托最深切的哀思。

一、活动主题

“我们的节日·清明”线上祭英烈活动

二、活动时间

2026年4月1日至2026年4月7日

三、活动入口

通过长按并识别活动二维码或点击活动链接进入H5小程序即可参与线上祭扫活动。

https://yinglie.chinamartyrs.gov.cn/26qm/

四、活动内容

在活动首页,可选择“敬献花篮”“祭奠英烈”,在“敬献花篮”页面中可点击下方“敬献花篮”“鞠躬”“我对英烈说句话”,向革命先烈寄托哀思。

那曲市精神文明建设办公室

2026年4月1日

ནག་ཆུ་གྲོང་ཁྱེར་གྱི་དྲ་ཐོག་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་བྱེད་སྒོ་སྤེལ་འགོ་འཚུགས་འདུག་

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དྭངས་གསལ་དུས་ཚིགས་འཆར་ཉེར་ཡོད་པའི་མཚམས་སུ། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན། སྔོན་གཤེགས་དཔའ་བོར་གོང་བཀུར། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། སྔོན་གཤེགས་དཔའ་བོར་སློབ་སྦྱོང་། སྔོན་གཤེགས་དཔའ་བོར་སྲུང་སྐྱོང་བཅས་བྱེད་པའི་རྣམ་པ་ཟབ་མོ་གཏོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས“ང་ཚོའི་དུས་ཆེན་དྭངས་གསལ་དུས་ཚིགས་”དྲ་ཐོག་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཡོད།         

ད་ལྟ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོ་བརྗོད་དོན་གཙོ་བོའི་བྱེད་སྒོའི་དྲ་ངོས་སུ་ལྷག་བསམ་རྣམ་དག་ངང་གདན་ཞུས་ཀྱིས། ཞི་བའི་བཅིངས་འགྲོལ་དང་དམངས་གཙོ་བཅོས་སྒྱུར། མི་དམངས་བདེ་སྐྱིད་ཡོང་བ་བཅས་ཀྱི་ཆེད་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་རང་སྲོག་བློས་གཏོང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་དུས་རབས་ཀྱི་དཔའ་བོ་དཔེ་བཟང་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་མྱ་ངན་ཟབ་མོ་ཞུ་རྒྱུ་ཡིན།

གཅིག   བྱེད་སྒོའི་བརྗོད་གཞི་གཙོ་བོ།“ང་ཚོའི་དུས་ཆེན། དྭངས་གསལ་དུས་ཚིགས”དྲ་ཐོག་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་བྱེད་སྒོ།

གཉིས།  བྱེད་སྒོའི་དུས་ཚོད།2026ལོའི་ཟླ་4ཚེས་1ཉིན་ནས་ཚེས་7བར།

གསུམ། བྱེད་སྒོའི་འཇུག་སྒོ།འོག་གི་རྩ་གཉིས་རྟགས་རིས་སམ་ཡང་ན་སྦྲེལ་མཐུད་མནན་ནས་H5བྱ་རིམ་བརྒྱུད་དེ་དྲ་ཐོག་ནས་དུར་འཕྱག་བྱེད་སྒོར་ཞུགས་ཆོག

བཞི་པ།  བྱེད་སྒོའི་ནང་དོན།བྱེད་སྒོའི་ཤོག་ལྷེ་དང་པོའི་ཐོག་གི“མེ་ཏོག་སི་ར་འབུལ་བ”དང“སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ”འདེམས་ཆོག་པ་དང་།“མེ་ཏོག་སི་ར་འབུལ་བའི”ཤོག་ལྷེ་འོག་གི“མེ་ཏོག་སི་ར་འབུལ་བ”དང“གུས་འདུད་ཞུ་བ”“ངས་སྔོན་གཤེགས་དཔའ་བོར་སྐད་ཆ་ཚིག་གཅིག་བཤད་འདོད”ཅེས་པ་དེ་མནན་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུ་ཆོག་གི་ཡོད།

ནག་ཆུ་གྲོང་ཁྱེར་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་དོན་ཁང་།

2026ལོའི་ཟླ་4ཚེས་1ཉིན།